楼主忘掉写标题!
小学二年级 发布于 2018-12-20 16:26:33 回帖: 0 | 评论: 0 | 查看: -

ཁྱེད་ནི་ང་ཡི་ལྷག་པའི་ལྷ་སྟེ།  ། 
ལས་ཀྱིས་བསྐོས་པའི་ལྷ་སྐལ་དང་པོ།  ། 
ལྷ་ཕྲུག་ཡིད་བཞིན་ནོར་བུ་ཡིན་ནོ།  །

མཁྱེན་བརྩེ་ནུས་པའི་ཡོན་ཏན་ཚང་བའི།  ། 
རྫོགས་པའི་སངས་རྒྱས་མི་ཡི་རྣམ་སྤྲུལ།  ། 
ང་ཡི་བླ་མ་དགེ་བའི་འབྱུང་གནས།  ། 

རྟོག་པའི་ཡེ་ཤེས་རྒྱུད་དུ་འཕོ་བར།  ། 
སངས་རྒྱས་གཞན་ཞིག་ངས་མི་འཚོལ་ཏེ།  ། 
དུས་གསུམ་ཀུན་དུ་ཁྱེད་ཉིད་བསྒོམ་མོ།  ། 

འཆི་ཁ་གནད་གཅོད་སྡུག་བསྔལ་དང་ནི།  ། 
ཤི་ནས་བར་དོའི་སྡུག་བསྔལ་སོགས་ལ།  ། 
ཁྱེད་ཀྱི་ཐུགས་རྗེ་ལྕགས་ཀྱུས་ཟུངས་ཤིག  །

ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་དབུས་སུ།  །
ང་ཡི་བླ་མ་བཞུགས་ཡོད་སྙམ་ན།  །
དད་པའི་མཆི་མ་ཡང་ཡང་འཁྲིགས་ཀི  ། 

རྩེ་གཅིག་གདུང་བའི་འོ་དོད་བོས་ན།  །
ཁྱེད་ཞལ་པད་མོ་ལྷམ་མེར་གྲོལ་ནས།  །
བརྩེ་བའི་སྤྱན་གྱིས་ང་ལ་གཟིགས་སམ།  ། 

ཉིན་མོ་སྤྱི་བོའི་གཙུག་ཏུ་བསྒོམ་ཞིང་།  །
མཚན་མོ་སྙིང་གི་དབུས་སུ་བསྒོམ་ན།  །
འཁོར་ཚོགས་ཁྲོད་ཀྱི་ཞལ་ཏ་སྙན་མོ།  །
ད་ལྟ་ལན་གཅིག་གསན་རྒྱུ་བྱུང་ངམ།  ། 
🙏🙏🙏🙏🙏🙏
💐🌹🌹🌹🌹🌹

ཁྱེད་ནི་ང་ཡི་ལྷག་པའི་ལྷ་སྟེ།  ། 
ལས་ཀྱིས་བསྐོས་པའི་ལྷ་སྐ...

网站温馨提示:
  • 1. 用户在珠宝大家坛发布的内容仅为发布者个人的立场或观点,并不代表珠宝大家坛的立场或观点。作为内容的发布者,需自行对所发布内容负责,因发布内容引发的一切纠纷,由该内容的发布者承担全部法律及连带责任。珠宝大家坛不承担任何法律及连带责任。
    2. 关于侵权:请阅读使用协议中的侵权举报条款,此为官方的侵权投诉唯一渠道,其他渠道视为无效申请。该服务为免费,大家坛拒绝任何性质的有偿删帖,不会和任何公关公司合作。
    3. 本站为珠宝网站,请各位坛友不要在本站谈论政治和社会性话题,更不能攻击政府,否则后果非常严重,请务必遵守。
回帖
列表为空